【共修公告】巴麥欽哲上師相應法

光明壇城雙十連假六天五夜,紀念巴麥欽哲降生120周年的上師相應法閉關剛在昨天圓滿,
今天2017年10月12日(藏曆8月22日),就適逢上一世巴麥欽哲仁波切圓寂71周年的紀念日。

對我們佛弟子而言,恩德最大的莫過於上師善知識,是我們最殊勝的福田。如果緣著聖者阿羅漢、菩薩、佛陀為對境行持善法會增長無數倍的功德和利益,那麼緣著上師行持善法,功德利益更是無可估量,直至我們解脫成佛。

宗薩欽哲仁波切也說過:“在我的傳承裡,上師比諸佛都重要。千佛曾經來過,但我不知道他們在哪裡。即使他們來到面前,我也不曉得他們在說什麼。只有經由上師,我才能連接到照亮我自己的東西。上師教導我們所有能教導的東西。只有經由上師,我們才能學到一些無法教導的東西。”所以每個佛弟子對這樣殊勝的福田應當要重視,特別是對我們追求解脫成就菩提的人而言,這是最重要的事情。

今天晚上歡迎大家到前來共修巴麥欽哲上師相應法

■時間:2017年10月12日(四)19:30起
■地點:台北市南京東路5段356號8樓
(捷運松山新店線,南京三民站3號出口)
འདས་མཆོད་ཀྱི་ཕན་ཡོན།
སང་ཉིན་ནི་དུས་ཁྱད་པར་དུ་འཕགས་པ་བོད་ཟླ་༨པའི་ཚེས་པ་༢༢ཏེ་གྲུབ་རྗེ་གདོད་མའི་མགོན་པོ་བཤེས་གཉེན་ཚུལ་དུ་བྱོན་པ་མཁྱེན་སྤྲུལ་༧ཀུན་བཟང་འགྲོ་འདུལ་སྐུ་ཕྲེང་དང་པོ་གཟུགས་སྐུ་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་༧༡ལོན་པའི་རྗེས་དྲན་འདས་མཆོད་ཞུ་བའི་ཉིན་མོ་ཡིན། དེས་ན་ཚང་མས་ཉིན་འདི་ལ་དཀར་ཟས་ལ་རོལ་རྒྱུ་དང་། 
རང་ནུས་ཅི་ཅིག་གི་སྒོ་ནས་རྗེ་བཙུན་བླ་མ་མཆོག་ལ་གསོལ་འདེབས་དང་དགེ་སྒྲུབ་སྡིག་སྤངས་རྒྱ་མི་ཆུང་པ་རེ་གནང་བར་ཞུ། བླ་མ་བསྒོམ་པ་དང་དྲན་པ་གསོལ་འདེབས་བྱས་པའི་ཕན་ཡོན་ནི་ཚད་ལས་འདས་སོ། 
དུས་འཁོར་རྩ་རྒྱུད་ལས། 
བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །
ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །
བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས། །
ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །
སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ལ། །
མིག་དང་སྲོག་སྦྱིན་པས་ཀྱང་དཔེར་མི་ཕོད། །
ཅེས་གསུངས་པ་དང་། 
ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས།
འདས་པའི་ལོ་ཟླ་ཚེས་གྲངས་ལ། །
མ་ནོར་བ་ནི་བརྩིས་བྱས་ནས། །
མཆོད་པའི་རྣམ་པ་སུས་བྱས་པ། །
ཚོགས་གཉིས་རབ་ཏུ་རྫོགས་པར་འགྱུར། །
ཞེས་གསུངས་པ་དང་།
བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས།
བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །
དགེ་བའི་རྣམ་སྨིན་བླ་མའི་རྗེས་འབྲང་སྟེ། །
ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང་། །
སློབ་མས་བླ་མའི་རྣམ་ཐར་བསྙེག་པར་འགྱུར། །
ཡང་ཏིག་ལས།
ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས།།
བླ་མ་སྐད་ཅིག་དྲན་པ་མཆོག།
བཟླས་བརྗོད་ས་ཡ་བྱས་པ་ལས།།
བླ་མའི་གསོལ་འདེབས་ལན་ཅིག་མཆོག། ཞེས་གསུངས་པ་ལྟར་རོ།།